Listen

Description

དེ་རིང་གི་ལེ་ཚན་འདིའི་ནང་དུ་གདན་འདྲེན་ཞུ་བའི་སྐུ་འགྲོན་ནི་མཚོ་སྔོན་དགེ་ཐོན་སློབ་ཆེན་སྐྱེ་དངོས་ཚན་རིག་སློབ་གླིང་གི་དགེ་རྒན་ལྷུན་གྲུབ་རྡོ་རྗེ་ལགས་ཡིན། ཐེངས་འདིའི་ནང་དོན་གཙོ་བོ་ཡིན་ན་རྒན་ལྷུན་གྲུབ་ཀྱིས་སྐྱེ་དངོས་རིག་པ་དང་བོད་ཀྱི་གསོ་བ་རིག་པ་གཉིས་སྦྲེལ་ནས་སློབ་གཉེར་དང་ཞིབ་འཇུག་བྱས་པའི་ཉམས་མྱོང་། ད་དུང་སྐྱེ་དངོས་ཚན་རིག་དང་འབྲེལ་བའི་ཞིབ་འཇུག་སློབ་མ་བསྐྱེད་བསྲིངས་བྱེད་པའི་སྐོར་ནས་ཡང་ཁ་བརྡ་བྱས་ཡོད་པས་སྤྲོ་བ་ཡོད་མཁན་ཚོས་མགོ་ནས་མཇུག་བར་ཆད་ལྷག་མེད་པར་གསན་རོགས་ཞུ།