Listen

Description

ལེ་ཚན་དེ་དབྱིན་སྐད་ནང་ལ་ཡང་་སྒྲ་འཇུག་ཞུས་པ་ཡོད་རེད།

ཁྱེད་ནས་ང་ཚོའི་སྒྲ་སྒམ་ནས་རྙེད་ཀྱི་རེད།


ཕྱི་ལོ། ༡༩༥༩ ལོར་རྒྱ་ནག་གཞུང་གིས་བོད་བཙན་འཛུལ་བྱས་པ་ནས་བཟུང་། བོད་མི་ཚོར་སོ་སོའི་ངོ་བོ་རྩ་རླགས་འགྲོ་རྒྱུའི་ཉེན་ཚབས་ཤིག་སླེབས་ཡོད་དུས། གཞིས་བྱེས་གཉིས་ཀྱི་བོད་མི་ཚང་མས་རང་མི་རིགས་ཀྱི་རིག་གཞུང་སྲུང་སྐྱོབས་སླད་སྐད་ཡིག་སྲུང་སྐྱོབས་ཞུ་རྒྱུར་གལ་གངས་འཛིན་བཞིན་ཡོད། 

འདས་པའི་ལོ་ངོ་དྲུག་བཅུའི་རིང་། བཙན་བྱོལ་བོད་མི་ཚོས་རྒྱ་གར་ནང་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་འོག མང་གཙོའི་ལམ་ལུགས་ལྡན་པའི་བཙན་བྱོལ་གཞུང་ཅིག་འཛིན་སྐྱོང་ཐུབ་ཡོད་པ་མ་ཟད། ཕྱི་ལོ། ༡༩༩༠ ཐམ་པ་ལོའི་ཨ་རིའི་ཕྱི་མི་ལེན་རྒྱུའི་བཅའ་ཡིག་འོག་བོད་མི་གཅིག་སྟོང་ཅིག་ཨ་རིར་ལེན་ཡོད་པ་དང་། དུས་དེ་ནས་ད་བར་བཙན་བྱོལ་བོད་མི་མང་པོ་ཞིག་ཨ་རིར་སྐྱབས་བཅོལ་དུ་གནས་སྤོ་གནང་ཡོད་པ་རེད།


དེ་རིང་གི་ལས་རིམ་འདིའི་ནང་ང་ཚོའི་ལེ་ཚན་གཙོ་སྐྱོང་བ་བསྟན་འཛིན་ཚེ་བརྟན་ཕྱོགས་ལས་ལགས་ཀྱིས། Queens ས་ཁུལ་གྱི་བོད་མི་ཚོས་སོ་སོའི་སྐད་ཡིག་རྒྱུན་འཛིན་གང་འདྲ་གནང་གི་ཡོད་པའི་སྐོར་ཆེད་སྒྲིག་གནང་བ་ཞིག་གསན་རོགས་གནང་།


ཁྱེད་ནས་ལེའུ་འདིའི་ནང་ཁུན་སི་གནས་ཞུགས་བོད་མི་ཉུང་ཤས་ཤིག་གིས་རང་གི་མ་སྐད་རྒྱུན་འཛིན་གནང་ཕྱོགས་ཐད་ལ་གསན་གྱི་རེད།


ལེ་ཚན་འདིའི་ནང་རྒྱུ་ཆ་ངོ་སྤྲོད་ཞུས་པ་དེ་གཤམ་ལ་གཟིགས་ཀྱི་རེད།

  1. བོད་དོན་ལས་འགུལ་བསྟེ་གནས་ཁང་
  2. ནེའུ་ཡོག་དང་ནེའུ་ཇར་སི་བོད་རིགས་སྤྱི་མཐུན་ཚོགས་པ་
  3. ཡིན་ད་ཡིན་ཟབ་ཁྲིད་ལྟེ་གནས་ཁང་
  4. བསྟན་རྡོར་ལགས་གྱི་གླུ་གཞས།

ལེའུ་འདི་བསྟན་འཛིན་ཚེ་བརྟན་ཕྱོགས་ལས་ལགས་ཀྱིས། Anna Williams ལགས་དང་། Natalie Milbrodt ལྷན་དུ་ཆེད་སྒྲིག་གནང་བ་ཞིག་རེད། ང་བོད་སྐད་ནང་སྒྲ་འཇུག་ཞུ་མཁན་བསྟན་འཛིན་བཟང་མོ་ཡིན། རོལ་དབྱངས་ཆེད་སྒྲིག་པ། Elias Ravin ལགས་དང་། སྒྲ་ཕྱོགས་སྒྲིག་གནང་མཁན། Cory Choy རེད།

དེ་དང་ལྷན་དུ་ང་ཚོས་ གཡུ་སྒྲོན་དོན་ལྡན་ལགས་དང་། བོད་ཀྱི་ལས་འགུལ་ལྟེ་གནས་ཁང་། ཡིན་ད་ཡིན་ཟབ་ཁྲིད་ལྟེ་གནས་ཁང་། ནེའུ་ཡོག་དང་ནེའུ་ཇར་སི་བོད་རིགས་སྤྱི་མཐུན་ཚོགས་པ་བཅས་པར་རྒྱབ་སྐྱོར་གང་ཡོང་གནང་བར་དམིགས་བསལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

སྒྲ་སྒམ་གྱི་ལེ་ཚན་འདི་གཙོ་བོ་རྒྱལ་ནང་འགྲོ་བ་མིའི་རོགས་བསྐྱོར་ཁང་ནས་མཐུན་འགྱུར་རོགས་རམ་གནང་བ་ཞིག་རེད། མང་གཙོ་ལ་རྣམ་དཔྱོད་ལྡན་དགོས། སྒྲ་སྒམ་གྱི་ལེ་ཚན་འདིའི་ནང་སྤེལ་བའི་བསམ་ཚུལ། གཟིགས་ཚུལ། མཇུག་སྡོམ་དང་། གཞན་གྱི་དགོངས་ཚུལ་གང་ཡིན་རུང་། དེ་ཚོ་རྒྱལ་ནང་འགྲོ་བ་མིའི་རོགས་བསྐྱོར་ཁང་གི་བསམ་ཚུལ་ཡིན་དགོས་པའི་ངེས་པ་མེད།