ཨོ་སི་ཊོ་ལི་ཡའི་མངའ་སྡེ་ཁུན་སི་ལན་ཌིར་གནས་སྡོད་བྱས་ཡོད་པའི་བུ་མོ་བསྟན་འཛིན་འཆི་མེད་ལ་ Harding Miller Education Foundation ཞེས་པའི་ཤེས་ཡོན་གྱི་ཐེབས་རྩ་ཚོགས་པ་དེ་ནས་ཕྱི་ལོ་ ༢༠༢༤ དང་ ༢༠༢༥ ཡི་མཐོ་སློབ་སློབ་ཡོན་རག་ཡོད་པ་རེད། འདི་ལོར་སློབ་ཡོན་དེ་ལ་སྙན་ཞུ་ཕུལ་མཁན་ཁྱོན་སློབ་ཕྲུག་ ༦༤༣ བྱུང་ཡོད་ཀྱང་། དེའི་ནང་སློབ་ཕྲུག་ ༢༠༦ ལ་མ་གཏོགས་སློབ་ཡོན་དེ་རག་ཐུབ་མེད་པ་རེད།