Listen

Description

For a young migrant, an apprenticeship is a great way to get a head start in a chosen career in Australia. An apprenticeship combines time at paid work with training and can be completed full-time, part-time or while still at school. - གཞིས་སྤོ་བ་ལོ་གཞོན་པ་རྣམས་ལ་ཐོག་མར་ཨོ་སི་ཏྲ་ལི་ཡའི་ནང་རང་ཉིད་ཀྱི་བློ་འདོད་ལྟར་ལས་ཀ་རག་པར་ལས་རིགས་ཉམས་གསོག་གི་སྦྱོང་བརྡར་གནང་ན་དགེ་མཚན་ཆེན་པོ་ཡོད་པ་ཡིན། Apprenticeship སྟེ། ལས་རིགས་ཉམས་གསོག་སྦྱོང་བརྡར་ཞེས་པ་ནི་ལས་རིགས་གང་ཞིག་སློབ་སྦྱོང་གནང་བཞིན་དུ་དེར་དངོས་སུ་སྦྱོང་བརྡར་ལ་ཞུགས་པ་དེར་གོ་དགོས། ལས་རིགས་ཉམས་གསོག་སྦྱོང་བརྡར་གནང་བའི་བརྒྱུད་ཨོ་སི་ཏྲེ་ལི་ཡའི་གཞིས་སྤོ་བ་རྣམས་ལ་ལས་ཀའི་གོ་སྐབས་ཐོབ་བཞིན་ཡོད། དེ་ཡང་ལས་རིགས་སྦྱོང་བརྡར་ཆ་ཚང་གནང་བར་དུས་ཡུན་ཁྱོན་བསྡོམས་ལོ་གཉིས་ནས་བཞི་བར་འགོར་གྱི་ཡོད་པ་དང་། དེ་ལེགས་པར་འགྲུབ་རྗེས་ཨོ་སི་ཏྲེ་ལི་ཡའི་རྒྱལ་ཡོངས་སུ་ཆེ་མཐོང་ཡོད་པའི་ཤེས་ཚད་ཀྱི་ལག་ཁྱེར་ཐོབ་ངེས་རེད།