Listen

Description

ཨོ་སི་ཊོ་ལི་ཡར་མཛེས་སྡུག་ཡིད་དབང་འཕྲོག་པའི་མཚོ་གླིང་དང་། མཚོ་འགྲམ་གྱི་རིག་གནས། རྒྱ་མཚོའི་ནང་གི་སྐྱེ་དངོས་སེམས་ཅན་སྣ་ཚོགས་ཡོད་པའི་ལུང་པ་ཞིག་རེད། ཡིན་ན་ཡང་མཚོ་འགྲམ་དེར་མི་མངོན་པའི་ཉེན་ཁ་ཡང་ཧ་ཅང་མང་། དཔེར་ན་ Jellyfish དང་ Stingray སོགས་ཉེན་ཁ་ཆེའི་ཉའི་རིགས་དེ་ཚོ་དང་། ཡང་མི་དང་སེམས་ཅན་གཞན་ལ་གནོད་འཚེ་བྱེད་མཁན་གྱི་ཉ་ཆེན་ Shark (ཁ་ཤས་ཀྱིས་ཆུ་སྲིན་ཀྱང་ཟེར་) རིགས་ཀྱང་རྒྱ་མཚོའི་ནང་གནས་ཡོད་པ་རེད།