Look for any podcast host, guest or anyone
Showing episodes and shows of

Lugyal Bum

Shows

Reviews in Tibetan
Reviews in TibetanDr. Shawo Thar: Cultivating a Sustainable Future: The Intersection of Ecological Economics, Agriculture, and Animal Husbandry on the Tibetan Plateauཤ་བོ་ཐར་ནི་མཚོ་ཤར་ཁུལ་ཡ་རྫི་རྫོང་གི་མི་ཡིན། ༢༠༠༧-༢༠༡༡ བར་ལ་མཚོ་སྔོན་མི་རིགས་སློབ་ཆེན་ཕྱི་སྐད་ཡིག་སློབ་གླིང་ནས་ཉི་ཧོང་སྐད་ཡིག་ལ་སློབ་གཉེར་བྱས། ༢༠༡༢-༢༠༡༣བར་ལ་ཉི་ཧོང་ན་དགོད་ཡ་སློབ་ཆེན་ཁོར་ཡུག་ཞིབ་འཇུག་གླིང(名古屋大学环境学科)ནས་དཔལ་འབྱོར་དང་ཁོར་ཡུག་རིགས་པའི་སྐོར་ལ་སློབ་གཉེར་བྱས། ༢༠༡༣-༢༠༡༥བར་དུ་ཉི་ཧོང་ཞི་དགའ་སློབ་ཆེན་དཔལ་འབྱོར་ཞིབ་འཇུག་སློབ་གླིང་ནས་དཔལ་འབྱོར་རིག་པའི་རབ་འབྱམས་ཞིབ་འཇུག་གི་ཆེད་ལས་སུ་བདམས་ཏེ་ཁོར་ཡུག་དང་དཔལ་འབྱོར་འཕེལ་རྒྱས་སྐོར་གྱི་འབྲེལ་བ་ལ་ཞིབ་འཇུག་བྱས། ༢༠༡༥-༢༠༡༩བར་དུ་ཉི་ཧོང་ཞི་དགའ་སློབ་ཆེན་དཔལ་འབྱོར་ཞིབ་འཇུག་སློབ་གླིང་ནས་དཔལ་འབྱོར་རིག་པའི་འབུམ་རམས་ཞིབ་འཇུག་གི་ཆེད་ལས་སུ་བདམས་ཏེ་ཞིང་ལས་དང་དཔལ་འབྱོར་འཕེལ་རྒྱས་སྐོར་གྱི་འབྲེལ་བའི་ཞིབ་འཇུག་གི་བྱ་བ་གཉེར། ཞིབ་འཇུག་ཁ་ཕྱོགས། སྐྱེ་ཁམས་མ་ལག་ཞབས་ཞུའི་རིན་ཐང་དཔྱད་དཔོག་དང་དཔལ་འབྱོར་དབྱེ་ཞིབ། སྐྱེ་ཁམས་ཞིང་ལས་གསར་གཏོད་དང་ཞིང་ལས་དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས་སྐོར། སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་སྐོར། Books on Ecological Economics 《寂静的春天》, 蕾切尔·卡逊,1962年 《一根稻草的革命》, 福冈正信,1994年 《增长的极限》, 梅多斯. (D.L.Mea-dows),1972年 《生态经济学》, 沈满洪,谢慧明, 王颖,2018年 《Ecological Economics: Principles and Application》, Herman. E. Dairy and Joshua Farley, 2018
2023-03-0156 minReviews in Tibetan
Reviews in TibetanSomtso Bum: My Journey into Religious Studiesབསོད་མཚོ་འབུམ་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་མང་རྫོང་མགོ་མང་གྲོང་བརྡལ་ཤ་རྒྱ་སྡེ་བ་ནས་སྐྱེས། རིམ་བཞིན་སྡེ་བའི་སློབ་ཆུང་གི་སྒོ་ཐེམ་བརྒལ་བ་ནས་ཚུགས་ཏེ་སློབ་གྲྭ་ཆུང་འབྲིང་ཆེ་གསུམ་ལ་བརྒྱུད། ༢༠༡༧ ལོར་མཚོ་སྔོན་མི་རིགས་སློབ་ཆེན་ནས་སློབ་མཐར་ཕྱིན་པ་དང་ལོ་དེའི་སྤྱི་ཟླ་བརྒྱད་པའི་ནང་ཨ་རིའི་ཁ་ལོ་ར་རྡོ་གཙུག་ལག་སློབ་ཆེན་(University of Colorado Boulder) དུ་ཆས་ཏེ་ལོ་གཉིས་རིང་ཞིབ་འཇུག་གི་སློབ་གཉེར་ལ་འབད། ༢༠༢༠ ནས་ཨ་རིའི་ནུབ་བྱང་གཙུག་ལག་སློབ་ཆེན་(Northwestern University)ལ་འགྲིམས་ཏེ་ཆོས་ལུགས་རིག་པའི་སྡེ་ཁག་ཏུ་འབུམ་རམས་པའི་བསླབ་གནས་ལ་སློབ་གཉེར་བྱེད་བཞིན་ཡོད།Books on Religious Studies Mahmood, Saba. "Politics of piety." In Politics of Piety. Princeton University Press, 2011.Asad, Talal. Genealogies of Religion: Discipline and reasons of power in Christianity and Islam. JHU Press, 1993.Smith, Jonathan Z. Imagining religion: from Babylon to Jonestown. University of Chicago Press, 1982.Masuzawa, Tomoko. The invention of world religions: Or, how European universalism was preserved in the language of pluralism. University of Chicago Press, 2005.Orsi, Robert A. "Between heaven and earth." In Between Heaven and Earth. Princeton University Press, 2013.Berlant, Lauren. "Cruel Optimism." The affect theory reader (2010): 93-117.
2022-06-2041 minReviews in Tibetan2022-02-131h 23Reviews in Tibetan
Reviews in TibetanTashi Dekyid: Tibetan Knowledge Production and Indigeneityཐེངས་འདིའི་ལེ་ཚན་ནང་དུ་གདན་འདྲེན་བྱས་པའི་སྐུ་འགྲོན་ནི་ད་ལྟ་ཨ་རིའི་ཝར་ལྗི་ནི་ཡཱ་སློབ་ཆེན(University of Verginia)་ནས་སློབ་གསོའི་འབུམ་རམས་སློབ་གཉེར་བྱེད་བཞིན་པའི་བཀྲ་ཤིས་བདེ་སྐྱིད་ལགས་རེད།  ཁོ་མོས་རང་ཉིད་ཀྱི་སློབ་གཉེར་བརྒྱུད་རིམ་དང་མཐོ་རིམ་སློབ་གསོའི་ཞིབ་འཇུག་སྐོར་ནས་ཁ་བརྡ་བྱས་ཡོད་ལ། དམིགས་བསལ་གྱིས་གཉུག་གནས་མི་རིགས(Indigenous Peoples)ཀྱི་ཤེས་རིག་གི་གཞུང་ལུགས་དང་ཞིབ་འཇུག་ཐབས་ལམ་རིག་པ་ལ་བརྟེན་ནས་བོད་ཀྱི་སྣོད་བཅུད་ལྟ་བ་གཙོར་འཛིན་པའི་ཤེས་རིག་རྒྱུན་འཛིན་དང་ཤེས་རིག་ གསར་སྐྲུན་གྱི་ཐབས་ལམ་རིག་པ་ཞིག་གསལ་བརྗོད་བྱེད་འདོད་ཀྱི་སྐོར་ལ་ངོ་སྤྲོད་མདོར་བསྡུས་བྱས་ཡོད།མོ་ངེ་བཀྲ་ཤིས་བདེ་སྐྱིད་ནི་ཁམས་མི་ཉག་མགར་ཐར་རམ་དཀར་མཛེས་ཁུལ་རྟའུ་རྫོང་གི་མི་རེད། སློབ་གྲྭ་ཆུང་བ་དང་འབྲིང་རིམ་སོགས་གྲོང་མགོ་སྡེ་བ་དང་མགར་ཐར་དགོན་པའི་སློབ་ཆུང་། དར་རྩེ་མདོའི་བོད་ཡིག་སློབ་འབྲིང་དང་དར་མདོའི་དགེ་ཐོན་འབྲིང་གཉེར་སློབ་གྲྭ་སོགས་ནས་བཏོན། དངོས་གཞིའི་སློབ་གསོ་ལ་ཀྲུང་དབྱང་མི་རིགས་སློབ་ཆེན་ནས་བོད་སྐད་ཡིག་དང་རྩོམ་ཡིག་གི་ཆེད་སྦྱོང་བསླབས། སློབ་ཆེན་མཐར་ཕྱིན་རྗེས་ཝིན་རོགས་ཚོགས་པ་ནས་བོད་ཁུལ་གྱི་ཁོར་སྲུང་དང་རིག་གནས་རྒྱུན་འཛིན་གྱི་ལས་གཞི་ལ་ལོ་འགའི་རིང་ལས་ཀ་བསྒྲུབས།
2021-12-1857 minReviews in Tibetan2021-11-041h 02Reviews in Tibetan2021-10-2347 minReviews in Tibetan
Reviews in TibetanNaljor Tsering: My Experience of French Academic Trainingཐེངས་འདིའི་ལེ་ཚན་ནང་དུ་གདན་འདྲེན་བྱས་པའི་སྐུ་འགྲོན་ནི་ད་ལྟ་ཧྥ་རན་སི་ནས་འབུམ་རམས་སློབ་གཉེར་བྱེད་བཞིན་པའི་གྲོགས་པོ་རྣལ་འབྱོར་ཚེ་རིང་ལགས་ཡིན། ལེ་ཚན་འདིའི་དཔེ་ལྟར་གྲོགས་པོ་རྣལ་འབྱོར་ཚེ་རིང་གིས་རང་ཉིད་ཀྱི་སློབ་གཉེར་བརྒྱུད་རིམ་དང་ཧྥ་རན་སིའི་ཐུན་མོང་མ་ཡིན་པའི་ཞིབ་འཇུག་གི་མཁའ་དབུགས་སྐོར་ནས་ཁ་བརྡ་བྱེད་རྒྱུ་རེད།རྣལ་འབྱོར་ཚེ་རིང་ནི་མདོ་སྨད་ཐེ་བོ་རོང་དུ་སྐྱེས་ལ། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ་མི་རིགས་དང་སྤྱི་ཚོགས་རིག་པའི་སློབ་གླིང་གི་མི་རིགས་རིག་པའི་འབུམ་རམས་པའི་ཞིབ་འཇུག་སློབ་མ། པཱ་རེ་སི་ཆེས་མཐོ་ཉམས་ཞིབ་སློབ་གླིང(École Pratique des Hautes Études)གི་སྐད་ཡིག་དང་ལོ་རྒྱུས་ཚན་རིག་སྡེ་ཚན་དང་། ཧྥ་རན་སི་རྒྱལ་བཙུགས་ཚན་རིག་ཁང་ཤར་ཨེ་ཤ་ཡ་ཞིབ་འཇུག་ལྟེ་གནས(Centre de recherche sur les civilisations de l'Asie orientale)ཀྱི་འབུམ་རམས་པའི་ཞིབ་འཇུག་སློབ་མ།
2021-09-181h 03Reviews in Tibetan
Reviews in TibetanA Special Episode, Tawni Tidwell: The Value of Tibetan Medicine and Mindful Meditationབོད་མིང་ལ་རང་འབྱུང་ལྷ་མོ་ཞེས་འབོད་པའི་ཋའོ་ནིས་ཋིཌི་ཝེལ(Tawni Tidwell)ནི་༡༩༨༡ ལོར་ཨ་རིའི་གངས་ཅན་ལྗོངས་ཀོ་ལོ་ར་ཌོ་(Colorado) ནས་སྐྱེས། ཨ་ཕ་དམག་མིའི་སྨན་པ་ཞིག་ཡིན་པས་བྱིས་པའི་སྐབས་སུ་ལྷོ་ཁོ་རི་ཡ་(South Korea) ནས་ལོ་འགར་འཚོ་སྡོད་བྱས། ༡༩༩༩ ལོར་ས་ཏ་ཎི་ཕོར་ཌ་ སློབ་ཆེན་(Stanford University)ནས་དངོས་ཁམས་རིག་པ་(physics) དང་སྣོད་བཅུད་རིག་པའི་སྐྱེ་དངོས་རིག་པ (ecological biology) དངོས་གཞི་སློབ་སྦྱོང་བྱས་ནས་༢༠༠༤ལོར་མཐར་ཕྱིན།༢༠༡༣ ལོར་མཚོ་སྔོན་སློབ་གྲྭ་ཆེན་མོའི་གསོ་རིག་སློབ་གླིང་ནས་བོད་ཀྱི་གསོ་བ་རིག་པར་སློབ་སྦྱོང་བྱས་པ་དང་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་ནས་ལོ་གཅིག་དང་ཕྱེད་ཀར་དངོས་སྦྱོང་ལ་ཞུགས།༢༠༡༡དང་༢༠༡༧ལོར་སྔ་རྗེས་སུ་ཨེ་མོ་རེ་སློབ་ཆེན(Emory University)ནས་སྐྱེ་དངོས་མིའི་རིགས་རིག་པའི་རབ་འབྱམས་དང་འབུམ་རམས་པའི་སློབ་མཐར་ཕྱིན། འབུམ་རམས་པའི་ཞིབ་འཇུག་ནི་བོད་སྨན་གྱི་འབྲས་སྐྲན་ལ་ངོས་འཛིན་བྱེད་ཐབས་ཚད་མ་རིག་པ་དང་འབྲེལ་བར་དཔྱད་པ། ༢༠༡༨ ལོ་ནས་༢༠༡༩ ལོ་བར་དུ་ཨོ་སི་ཏ་རི་ཡ་(Austria) རྒྱལ་ཁབ་ཚན་རིག་ཞིབ་འཇུག་ཁང་ (Austrian Academy of Sciences) ལ་ལས་ཀ་བྱས་ཏེ་མདོ་སྨད་དང་མདོ་སྟོད་ལ་བོད་ལུགས་གསོ་རིག་གི་སྨན་སྦྱོར་གྱི་རྒྱུད་པ་ཞིབ་འཇུག་བྱས།༢༠༡༩ ལོའི་ཟླ་བ་བརྒྱད་པ་ནས་དབང་རྩ་རིག་པའི་ཚན་རིག་པ་རི་ཆར་ཏ་ཌ་ཝི་ད་སོ་ཎ་(Richard Davidson) དང་མཉམ་དུ་ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་སེམས་ཀྱི་འཕྲོད་བསྟེན་ཞིབ་འཇུག་ཁང་(Center for Healthy Minds) ནས་ཞིབ་འཇུག་བྱེད་བཞིན་ཡོད།
2021-07-2456 minReviews in Tibetan
Reviews in TibetanDr. Nyingwo Gyal: Studying the Mountain Deities of Rebgongདེ་རིང་གི་ལེ་ཚན་འདིའི་ནང་དུ་གདན་འདྲེན་བྱས་པའི་སྐུ་འགྲོན་ནི་ད་ལྟ་མཚོ་སྔོན་མི་རིགས་སློབ་ཆེན་ནས་དགེ་རྒན་གྱི་ཕྱག་ལས་གནང་བཞིན་ཡོད་པའི་རྒན་སྙིང་བོ་རྒྱལ་ལགས་ཡིན་ལ། མི་འགྱངས་བར་ཁོ་རང་ནོར་ཝེ་རྒྱལ་ཁབ་ཀྱི་ཨོ་སི་ལོ་སློབ་ཆེན་(University of Oslo)ནས་འབུམ་རམས་སློབ་མཐར་ཕྱིན་རྒྱུ་རེད། ལེ་ཚན་འདིའི་ནང་དུ་རྒན་སྙིང་བོ་རྒྱལ་གྱིས་སློབ་གཉེར་གྱི་བརྒྱུད་རིམ་དང་ཁོ་རང་གི་ཡུལ་ལྷ་གཞི་བདག་གི་ཞིབ་འཇུག་སྐོར་ནས་ཁ་བརྡ་མདོར་བསྡུས་ཞིག་བྱེད་རྒྱུ་རེད། བསླབ་འབྲས་ཆེད་དེབ་ལ་《རེབ་གོང་ལྷ་པའི་འཕོ་འགྱུར།》དང་《ཨ་མདོ་རེབ་གོང་ཡུལ་གྱི་དྲུག་པའི་ཀླུ་རོལ།》《ཨ་མདོ་རེབ་གོང་གི་ཨ་མྱེས་སྟག་ལུང་དད་མོས་ཞིབ་བརྗོད།》བཅས་ཡོད་དོ།། 
2021-07-1043 minReviews in Tibetan
Reviews in TibetanDr. Sönam Lhündrub: I Am Interested in Linguistics for Several Reasonsའབུམ་རམས་པ་བསོད་ནམ་ལྷུན་འགྲུབ་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་བྲག་འགོའི་མི་ཡིན་ལ། རྒྱ་བོད་དབྱིན་གསུམ་གསུམ་ལ་མཁས་པ་དང་ཉི་ཧོང་གི་སྐད་བྱང་ཆུབ་པར་བེད་སྤྱོད་བྱེད་ཐུབ། 2010ལོར་ཧྥི་ལི་ཕིན་གྱི་སྨི་ལའེ་མུའུ་སློབ་ཆེན་(Miriam College) ནས་སློབ་གསོའི་སེམས་ཁམས་རིག་པའི་རབ་འབྱམས་པའི་སློབ་གནས་ཐོབ། དེའི་རྗེས་ཀྱི་ལོ་གཉིས་ནང་མཚོ་སྔོན་དགེ་འོས་སློབ་ཆེན་དུ་ཕྱི་སྐད་དགེ་རྒན་གྱི་ལས་གནས་བསྒྲུབས། 2013ལོར་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའ་ཆ་ཚང་ཐོབ་ནས་ཨོ་སི་ཁྲུ་ལི་ཡའི་ལི་ཁྲོ་ཧྦི་སློབ་ཆེན་(La Trobe University)དུ་སྤྱི་ཚོགས་སྐད་བརྡ་རིག་པའི་འབུམ་རམས་པར་སློབ་གཉེར་བྱས།  དགེ་རྒན་ཆེན་མོ་ཏ་ཝེ· པུའུ་ལའེ་ཏེ་ལིས་(Pro. David Baradley)ཡི་རྗེས་སུ་འབྲངས་ནས་རྟའུ་སྐད་ཀྱི་བརྡ་སྤྲོད་ཞིབ་བརྗོད་ཞིབ་འཇུག་བྱས།  ལོ་ངོ་བཅུ་ལྷག་གི་རིང་ལ་སྐད་བརྡ་ཡུལ་དངོས་བརྟག་དཔྱད་ཀྱི་ཉམས་མྱོང་ཡོད། 
2021-06-241h 05Reviews in Tibetan
Reviews in TibetanPalden Tsering: I Want to Learn What is "Development" for Local Tibetan Nomadsདེ་རིང་གི་ལེ་ཚན་འདིའི་ནང་དུ་གདན་འདྲེན་བྱས་པའི་སྐུ་འགྲོན་ནི་དབྱིན་ཇི་ནས་འབུམ་རམས་སློབ་གཉེར་བྱེད་བཞིན་པའི་རྒན་དཔལ་ལྡན་ཚེ་རིང་ལགས་ཡིན། ལེ་ཚན་འདིར་རྒན་དཔལ་ལྡན་གྱིས་ཁོ་རང་གི་ཀྱག་ཀྱོག་ལྡན་པའི་སློབ་གཉེར་གྱི་བརྒྱུད་རིམ་དང་ཞིབ་འཇུག་གི་འདུན་པ། ད་དུང་དབྱིན་ཇི་ནས་སློབ་གཉེར་བྱས་ན་གྲ་སྒྲིག་ཅི་ཞིག་བྱེད་དགོས་པའི་སྐོར་ནས་ཀྱང་ཁ་བརྡ་མདོར་བསྡུས་ཞིག་བྱས་ཡོད། རྒན་དཔལ་ལྡན་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་གི་མི་ཡིན་ལ། ༢༠༡༧ནས་༢༠༡༨ལོའི་བར་དུ་དབྱིན་ཇིའི་ཁན་ཐུ་སློབ་ཆེན་University of Kent ནས་སྲུང་སྐྱོང་དང་འཕེལ་རྒྱས་རབ་འབྱམས་ཞིབ་འཇུག་གི་ཆེད་ལས་སུ་བདམས་ཏེ་ཨ་མདོ་ས་ཆའི་དགོན་སྡེ་ཚོགས་པ་དང་ས་གནས་ཀྱི་ཁོར་སྲུང་དང་འཕེལ་རྒྱས་སྐོར་གྱི་འབྲེལ་བ་ལ་ཞིབ་འཇུག་བྱས།༢༠༡༨ནས་བཟུང་དབྱིན་ཇིའི་སཱ་སད་ཁུ་སློབ་ཆེན་འཕེལ་རྒྱས་ཞིབ་འཇུག་སྡེ་ཁག (Institute of Development Studies at University of Sussex) ནས་འབྲོག་ལས་འཕེལ་རྒྱས་འབུམ་རམས་ཞིབ་འཇུག་པའི་ཆེད་ལས་སུ་བདམས་ཏེ་ཨ་མདོ་འབྲོག་སྡེ་གཉིས་ཀྱི་རྩྭ་སའི་དོ་དམ་དང་སྒྲིག་ཁྲོམས་སྐོར་གྱི་ཞིབ་འཇུག་བྱ་བ་གཉེར།
2021-06-0448 minReviews in Tibetan
Reviews in TibetanDr. Kalzang: In Seven Years, Studied Japanese from the Beginning and Completed a PhD Degree in Japanསྐལ་བཟང་ནི་མཚོ་སྔོན་ཁྲི་ཀའི་མི་ཡིན་ལ། 2008.9—2012.3 ལོའི་བར་དུ་མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་ནས་བོད་ཀྱི་ཆོས་ལུགས་དང་སྐད་ཡིག་རྩོམ་རིག་སྐོར་ལ་སློབ་གཉེར་བྱས། 2012.4—2013.3ལོའི་བར་དུ་ཉི་ཧོང་ཐོའོ་ཁྱོ(Tokyo)་ན་ཡོད་པའི་ཉི་ཧོང་གི་སྐད་ཡིག་སློབ་གླིང(西東京国際教育学院)་ནས་ཉི་ཧོང་སྐད་ཡིག་ལ་སློབ་གཉེར་བྱས། 2013.4—2014.3ལོའི་བར་དུ་ཉི་ཧོང་རྒྱལ་གཉེར་ཁྰ་ན་ཛྰ་བྰ་སློབ་ཆེན(Kanazawa University)་མིའི་རིགས་སྤྱི་ཚོགས་ཁོར་ཡིག་ཞིབ་འཇུག་གླིང(Graduate School of Human and Socio-Environmental Studies)་ནས་རབ་འབྱམས་ཞིབ་འཇུག་སློབ་མར་གྲ་སྒྲིག་གི་ཚུལ་དུ་མིའི་རིགས་རིག་པ་དང་སྤྱི་ཚོགས་རིག་པར་སློབ་གཉེར་བྱས། 2014.4—2016.3ལོའི་བར་དུ་ཉི་ཧོང་རྒྱལ་གཉེར་ཁྰ་ན་ཛྰ་བྰ་སློབ་ཆེན་མིའི་རིགས་སྤྱི་ཚོགས་ཁོར་ཡིག་ཞིབ་འཇུག་གླིང་ནས་མིའི་རིགས་རིག་པ་རབ་འབྱམས་ཞིབ་འཇུག་སློབ་མའི་ཆེད་ལས་སུ་བདམས་ཏེ་ཨ་མདོ་བོད་སྡེའི་སྤྱི་ཚོགས་ཁྲོད་ཀྱི་ཆོ་གའི་སྐོར་ལ་ཞིབ་འཇུག་གི་ལས་ཀ་གཉེར། 2016.4—2019.3ལོའི་བར་དུ་ཉི་ཧོང་རྒྱལ་གཉེར་ཁྰ་ན་ཛྰ་བྰ་སློབ་ཆེན་མིའི་རིགས་སྤྱི་ཚོགས་ཁོར་ཡིག་ཞིབ་འཇུག་གླིང་ནས་མིའི་རིགས་རིག་པ་འབུམ་རམས་ཞིབ་འཇུག་སློབ་མའི་ཆེད་ལས་སུ་བདམས་ཏེ་ཨ་མདོ་བའི་སྐྱེ་འཆིའི་འདུ་ཤེས་ཀྱི་སྐོར་ལ་མིའི་རིགས་རིག་པའི་ལམ་ནས་ཞིབ་འཇུག་གི་ལས་ཀ་གཉེར། 2019.7ལོ་ནས་མཚོ་སྔོན་དགེ་ཐོན་སློབ་ཆེན་ཁྲིམས་ལུགས་རིགས་པ་དང་སྤྱི་ཚོགས་རིག་པའི་སློབ་གླིང་ན་སྤྱི་ཚོགས་རིག་པ་དང་མིའི་རིགས་རིག་པའི་སྐོར་གྱི་སློབ་ཁྲིད་དང་ཞིབ་འཇུག་གི་བྱ་བ་གཉེར་གྱིན་ཡོད།
2021-05-151h 08Reviews in Tibetan2021-04-241h 01Reviews in Tibetan
Reviews in TibetanRinchen Tso: How to Teach and Study English with TESOL Experienceཐེངས་འདིའི་ལེ་ཚན་ནང་དུ་གདན་འདྲེན་ཞུ་ཡོད་པའི་སྐུ་འགྲོན་ནི་ཕྱི་རྒྱལ་ནས་དབྱིན་ཡིག་ཁྲིད་ཐབས་སློབ་སྦྱོང་བྱས་ནས་ད་ལྟ་ཟི་ལིང་ནས་མེ་ཏོག་སློབ་གསོ་ཞེས་པའི་དབྱིན་ཡིག་གསོ་སྐྱོང་འཛིན་གྲྭ་སྤེལ་ཡོད་པའི་རྒན་རིན་ཆེན་མཚོ་ལགས་རེད། ཐེངས་འདིའི་ལེ་ཚན་ནང་དུ་རྒན་རིན་ཆེན་མཚོ་ཡིས་རང་གི་སློབ་སྦྱོང་དང་ཞིབ་འཇུག་གི་ཉམས་མྱོང་བརྒྱུད་དེ་དབྱིན་ཡིག་སློབ་སྦྱོང་སྐོར་ནས་ཁ་བརྡ་བྱེད་རྒྱུ་རེད།རིན་ཆེན་མཚོ། ཕ་ཡུལ་རྡོ་སྦིས་ནས་སློབ་གྲྭ་ཆུང་འབྲིང་གི་སྒོ་ཐེམ་བརྒྱུད་ཅིང་སྤྱི་ལོའི་༢༠༡༠ལོར་མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་དུ་ཕྱིན་ཏེ་བོད་དབྱིན་ཆེད་ལས་སྦྱངས། ༢༠༡༤ལོར་ཧྥེ་ལིས་པཱིན་ཞིས་ལིས་མཱན་སློབ་ཆེན་ནས་ལོ་ངོ་གསུམ་རིང་“ཕ་སྐད་མ་ཡིན་པའི་མི་རིགས་གཞན་ལ་དབྱིན་ཡིག་ཁྲིད་ཐབས”ཞེས་པའི་ཆེད་ལས་དང་། ༢༠༡༧ལོར་ཨ་རིའི་ཝིར་ཇི་ནེ་ཡཱ་སློབ་ཆེན་དུ་ལས་རིགས་གསར་བསྐྲུན་སྐོར་གྱི་ཆེད་ལས་སོགས་རིམ་པར་སྦྱངས། ༢༠༡༨ལོའི་སྤྱི་ཟླ༩བར་༼མེ་ཏོག་སློབ་གསོ་༽གསར་འཛུགས་བྱས།
2021-04-0143 minReviews in Tibetan
Reviews in TibetanSangye Tashi: Schooling Journey from a Tibetan Tent to Prestigious American Universityསངས་རྒྱས་བཀྲ་ཤིས་ནི་མཚོ་སྔོན་ཞིང་ཆེན་གཅན་ཚ་རྫོང་གཅན་ཚ་ཐང་གི་འབྲོག་ཁྱིམ་དཀྱུས་མ་ཞིག་ཏུ་སྐྱེས་ལ། ཆུང་བྱིས་པའི་དུས་སུ་བེའུ་འཚོ་སྐྱོང་གི་ལས་ལ་བྲེལ་ཏེ་ལོ་དགུ་བར་དུ་སློབ་གྲྭར་འགྲོ་རྒྱུའི་གོ་སྐབས་མ་བྱུང་། སྤྱི་ལོ་༢༠༠༢ལོར་རང་སྡེའི་སློབ་ཆུང་དུ་ཞུགས་ཏེ་ལོ་གཉིས་རིང་ཆེས་ཐོག་མའི་ཡི་གེ་འབྲི་ཀློག་སོགས་ལ་སྦྱངས། ༢༠༠༥ ལོའི་དབྱར་ཁར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་ཞུགས་ཏེ་ལོ་དྲུག་གི་རིང་བོད་ཡིག་ཆེད་སྦྱོང་གཙོས་རྒྱ་ཡིག་དང་། དབྱིན་ཡིག རྩིས་རིག་སོགས་ལ་སྦྱང་བརྩོན་ལེགས་པོར་བྱས། མཐར་ཕྱིན་ལོར་རང་འཛིན་གྲྭའི་ཐ་སྙད་གསར་བསྒྱུར་གྱི་ཚན་ཆུང་གི་ཚོགས་མིར་བདམས་ཏེ་ཁོ་དང་སློབ་གྲོགས་འགས་༼རྒྱུན་བཀོད་ཐ་སྙད་ཕྱོགས་བསྒྲིགས་དེབ་གཉིས་པ་༽དཔར་བསྐྲུན་བྱས་ཏེ་སློབ་གྲོགས་ཚོས་རེ་འདོད་བཞིན་བདེ་ལེགས་ངང་མཇུག་གྲུབ་པར་བྱས། ༢༠༡༡ལོའི་དབྱར་ཁར་སློབ་མཐར་ཕྱིན་རྗེས་ཟི་ལིང་དང་བླ་བྲང་དུ་ལོ་གཅིག་ལྷག་གི་རིང་དབྱིན་ཡིག་སྦྱངས། ༢༠༡༣ལོར་ཞི་ཨན་ཕྱིའི་སྐད་ཡིག་སློབ་གླིང་དུ་ཞུགས་ཏེ་རྒྱ་ཡིག་དང་དབྱིག་ཡིག་སོགས་ལ་ཧུར་ཐག་གིས་སྦྱངས་ཏེ་སློབ་མཐར་ཕྱིན། ༢༠༡༦ ལོར་ཨ་རིའི་སྙན་གྲགས་ཅན་གྱི་སྒྲོ་ཁུ་གཙུག་ལག་སློབ་ཆེན་(Duke University)དུ་རྒྱུགས་འཕྲོད་དེ་ལོ་བཞིའི་རིང་དེར་སློབ་གཉེར་བྱེད་རྒྱུའི་གོ་སྐབས་བྱུང་། ༢༠༢༠ལོར་སློབ་མཐར་ཕྱིན་ཁར་འབུམ་རམས་པར་རྒྱུགས་སྤྲད་དེ་ཨ་རིའི་ཁེ་ལི་རོ་སྒྲོ་བྷོ་སྒྲི་གཙུག་ལག་སློབ་ཆེན་(University of Colorado Boulder )ནས་མིའི་རིགས་རིག་པར་སློབ་གཉེར་བྱེད་བཞིན་ཡོད།
2021-03-251h 00Reviews in Tibetan
Reviews in TibetanBenté Tsering’s Schooling Journey and Material ScienceI got a chance to talk with Benté Tsering who got the PhD offer from MIT last month. In this episode, we talked about his schooling journey from elementary, his research in material science, and how did he come so far to get an offer from the most prestigious university in the world.བན་ཏེ་ཚེ་རིང་གི་ཕ་ཡུལ་ནི་མཚོ་ལྷོ་ཁུལ་བྲག་དཀར་རྫོང་ཡིན་པ་དང་མཚོ་ལྷོ་ཁུལ་མཐོ་རིམ་སློབ་འབྲིང་དུ་མཐོ་འབྲིང་གི་བསླབ་ཚན་ལ་སློབ་སྦྱོང་བྱས་པ་དང2014ལོར་ཧུའུ་ནན་སློབ་ཆེན་རྒྱུ་ཆ་ཚན་རིག་དང་བཟོ་སྐྲུན་རིག་པའི་སློབ་གླིང་གི་དངོས་གཞིའི་ཚན་ཁག་ཏུ་རྒྱུགས་འཕྲོད། དངོས་གཞིའི་སྐབས་སློབ་སྦྱོང་གི་སྦྱང་འབྲས་ཆེད་ལས་ཀྱི་ཨང་གསུམ་པ་ཡིན་ཞིང2018ལོར་སློབ་གྲྭ་ཡོངས་ཀྱི་སློབ་མའི་འཐུས་མིའི་ངོས་ནས2018ལོའི་དངོས་གཞིའི་ཚན་ཁག་གི་མཐར་ཕྱིན་མཛད་སྒོའི་ཐོག་གཏམ་བཤད་བྱས་པ་ཁོ་ན་ཡིན། 2018ལོར་ཞི་ཨན་འགྲིམ་འགྲུལ་སློབ་ཆེན་གྱི་རྒྱུ་ཆ་སློབ་གླིང་གི་ལྕགས་རིགས་དྲག་ཚད་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་དུ་བསྐྱལ་ནས་ཞིབ་འཇུག་འདོན་དུ་བཅུག རབ་འབྱམས་ཞིབ་འཇུག་སྐབས་སློབ་སྦྱོང་གི་སྦྱང་འབྲས་ལེགས་པ་དང་དཀྱིལ་རྒྱུགས་ཀྱི་སྦྱང་འབྲས་ཚན་ཁག་གི་ཨང་གཉིས་པ་ཡིན་པར་མ་ཟད། བསྟུད་མར་ཐེངས་གསུམ་ལ་ཞི་ཨན་འགྲིམ་འགྲུལ་སློབ་ཆེན་དུ་ཨང་དང་བོའི་སྦྱང་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་དང་། ཝང་ཞའོ་ཐེན་གྱི་སྦྱང་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ། 2020ལོའི་རིག་གཞུང་སྐར་ཆེན་གྱི་མཚན་སྙན་སོགས་ཐོབ་མྱོང་།ཚན་རིག་ཞིབ་འཇུག་ལས་གཞན་ད་དུང་མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་དང་། ཧུའུ་ནན་ཞིང་ཆེན་སྙན་ངག་སློབ་ཚོགས་ཀྱི་ཚོགས་མི། ཧྲན་ཞིས་ཞིང་ཆེན་གཞོན་ནུ་རྩོམ་རིག་མཐུན་ཚོགས་ཀྱི་ཚོགས་མི་བཅས་ཡིན།ད་བར་དུ་རྒྱལ་ནང་གི་རྩོམ་རིག་དུས་དེབ་གྲགས་ཅན《བོད་ལྗོངས་རྩོམ་རིག》(ཞིང་ཆེན་རིམ་པ།)དང་།《མཚོ་སྔོན་པོ》(ཞིང་ཆེན་རིམ་པ།)《རྩྭ་ཐང་།》(གྲོང་ཁྱེར་རིམ་པ།)སོགས་ཀྱི་ཐོག་ལྷུག་རྩོམ་སྙན་ངག་བརྒྱ་ཙམ་སྤེལ་མྱོང་བ་དང་། ལྷོ་རྒྱུད་རིག་རྩལ་གྱི“ལོ་འཁོར་མོའི་རྩོམ་པ་པོ་བཅུ”དང2016ལོའི་རྒྱལ་ཡོངས་ཀྱི་བརྩམས་ཆོས་བདམས་པའི་བྱ་དགའ་ཆེན་མོའི་འགྲན་བསྡུར་ནང་ཨང་གསུམ་པ་སོགས་རྩོམ་རིག་རིགས་ཀྱི་བྱ་དགའ་ཐོབ་མྱོང་། ཀྲུང་གོའི་སྙན་ངག་སློབ་ཚོགས་ཀྱི་དྲ་བའི་རྩོམ་སྒྲིག་པས་གདེང་འཇོག་བྱས་དོན། བན་ཏེ་ཚེ་རིང་གི་སྙན་ངག་ནི“འབྲོག་གླུའི་བསམ་ཚུལ་དང་རང་བྱུང་མཛེས་ལྗོངས་ཟུང་དུ་འབྲེལ་བའི”རྣམ་པ་ལས་བརྒལ་ཏེ“ང”ཞེས་པ་ཁོ་ན་བརྗོད་དོན་དུ་འཛིན་པའི་འབྲི་སྟངས་ལས་རིང་དུ་གྱེས་ནས་ཅུང་རང་རྐྱ་འཕེར་བའི་རྩོམ་གཤིས་ཤིག་ཆགས་ཡོད་ཟེར།
2021-03-1556 minReviews in Tibetan
Reviews in TibetanDr. Sonam skyid Shares Her Education Experiences in Top Universities and Amazing Journey of Ecologyཐེངས་འདིའི་ལེ་ཚན་ནང་དུ་རྒན་བསོད་ནམས་སྐྱིད་ལགས་གདན་འདྲེན་ཞུ་ནས་ཁོ་མོས་རྒྱལ་ནང་གི་སློབ་གྲྭ་རྩེ་གྲས་སུ་སློབ་གཉེར་བྱས་བའི་ཉམས་མྱོང་དང་རང་ཉིད་ཀྱི་ཆེད་ལས་སྐྱེས་ཁམས་རིག་པར་བཅངས་བའི་བརྩེ་དུང་། མ་་འོངས་བར་མུ་མཐུད་སྐྱེས་ཁམས་ཞིབ་འཇུག་སྐོར་ལ་འབད་པའི་སེམས་ཤུགས་སོགས་མ་གསང་མ་སྦས་བར་བརྗོད་ཡོད་པ་མ་ཟད། རྒྱལ་ནང་གི་སློབ་གྲྭ་དེ་ཚོར་བསྐྱོད་འདོད་ན་ཅི་ཞིག་གྲ་སྒྲིག་བྱེད་དགོས་པ་དང་སྤོབས་པ་་དགོས་ཚུལ་་ཕྱོགས་ནས་ཀྱང་མདོར་བསྡུས་ངང་གླེང་ཡོད་པས་ཀུན་གྱིས་གསན་རོགས་ཞུ།In this episode, I am delighted to have Dr. Sonam skyid from Amdo region, who works for a local university as Associate Professor. As a young ecologist, Sonam skyid expressed her enthusiasm in her field and shared her journey of education and ecology. Meanwhile, Sonam has provided some advice to the young fellows who might be interested in ecology and study in Chinese top universities. Hope you enjoy this episode.
2021-02-0843 minReviews in Tibetan2021-02-0356 minReviews in Tibetan2021-01-2650 minReviews in Tibetan2021-01-2652 minReviews in Tibetan2020-06-2857 minReviews in Tibetan2020-06-0550 minReviews in Tibetan2020-05-1526 minReviews in Tibetan2020-05-0234 minReviews in Tibetan2020-05-0104 min